ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> ཡིག་སྐུར་ངོ་གཏུག་རབ་གསལ།
༄༅།།པདྨ་རྫོང་གིས་“ནང་འཇུག་བཞི”ལས་ཡིག་སྐུར་ངོ་གཏུག་བྱ་བའི་གནས་བབ་ཆེན་པོ་འཛུགས་སྐྱོང་བྱས་པ།
འབྱུང་ཁུངས།:པདྨ་རྫོང་མི་དམངས་སྲིད་གཞུང་། 2012/8/26 14:21:59

༄༅།།པདྨ་རྫོང་གིས་“ནང་འཇུག་བཞི”ལས་ཡིག་སྐུར་ངོ་གཏུག་བྱ་བའི་གནས་བབ་ཆེན་པོ་འཛུགས་སྐྱོང་བྱས་པ།

  2012ལོའི་ཟླ8པའི་ཚེས 22ཉིན།

རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྔ་གཞུག་ཀུན་ཏུ་ཡིག་སྐུར་ངོ་གཏུག་བྱ་བ་རྒྱུན་ལྡན་གྱི་གྲོས་གཞི་གཙོ་བོའི་ནང་དུ་བཞག་ནས།   རྫོང་དང་ཞང་ཏང་ཨུའི་འགོ་ཁྲིད་པ་གཙོ་བོས་སྤྱིའི་འགན་ལེན་བྱེད་པ་དང་།   བྱེ་བྲག་དོ་དམ་འགོ་ཁྲིད་ཀྱིས་ཐད་ཀར་ཡིག་སྐུར་ངོ་གཏུག་ལ་འགན་ལེན་བྱེད་པ།   རྫོང་གི་ཐད་གཏོགས་སྡེ་ཁག་སོ་སོས་ཡིག་སྐུར་ངོ་གཏུག་བྱ་བར་རམ་འདེགས་བྱེད་པའི་འགོ་ཁྲིད་མ་ལག་འཐུས་ཚང་ཞིག་བཙུགས་ཡོད།   ད་ལོ་རང་རེ་རྫོང་གིས་ཞིང་ཆེན་དང་ཁུལ་ཡིག་སྐུར་ངོ་གཏུག་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་ཏེ།   མུ་མཐུད་ཡིག་སྐུར་ངོ་གཏུག་བྱ་བའི་སྒྲིག་གཞི་ལ་ཤུགས་སྣོན་བྱས་པ་མ་ཟད།   འགལ་བ་རྩོད་གླེང་དང་ཡིག་སྐུར་ངོ་གཏུག་གྱོད་དོན་གསོག་ཡོད་པ་གཙང་སེལ་ཐག་གཅོད་བྱེད་པའི་བྱ་བ་གཏིང་ཟབ་སྒོས་སྤེལ་བ་དང་།   ཁྲིམས་ལྟར་ཕན་ནུས་ཡོད་པའི་སྒོ་ནས་འགལ་བ་རྩོད་གླེང་སྣ་ཚོགས་འདུམ་འགྲིག་བྱས་ཤིང་།མང་ཚོགས་སྐོར་ཞིག་གིས་བཏོན་པའི་དཀའ་ཁག་དང་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཐག་གཅོད་བྱས་ནས།   གཏན་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པ་རེད།

གཅིག   གཞི་རྩའི་གནས་ཚུལ།   ཟླ7པའི་ཟླ་མཇུག་བར་དུ་ཡིག་སྐུར་ངོ་གཏུག་གྱོད་དོན9དང་མི་41ཡོད་པ་དང་།   ན་ནིང་ལོ་དང་བསྡུར་ན་ཐག་གཅོད་དང་སྣེ་ལེན་བྱས་པའི་གྱོད་དོན་དང་མི་གྲངས་སོ་སོ་འཕར་བ་རེད།   གྱོད་དོན་ཁྲོད་དུ་ཐོག་མའི་ཡིག་སྐུར་ངོ་གཏུག་གྱོད་དོན་6དང་མི་37ཡོད་པ་དང་།   ཡང་བསྐྱར་ཡིག་སྐུར་ངོ་གཏུག་བྱས་པའི་གྱོད་དོན3དང་མི་3ཡོད་ལ།   ཡིག་སྐུར་ངོ་གཏུག་བྱ་བའི་སྒྲུབ་ཚད་100%ཡིན། 

གཉིས།   བྱ་བའི་བྱེད་ཐབས་དང་གྲུབ་འབྲས།

1ངོས་ཟིན་མཐོར་འདེགས་དང་འགན་འཁྲི་ལ་ཤུགས་སྣོན་བྱས་ཏེ།   ཡིག་སྐུར་ངོ་གཏུག་བྱ་བའི་གནས་བབ་ཆེན་པོ་འཛུགས་སྐྱོང་བྱས་པ།   རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཡིག་སྐུར་ངོ་གཏུག་བྱ་བར་མཐོང་ཆེན་དང་འགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་བྱས་པ་སྟེ།   གཅིག་ནས་ནན་ཏན་གྱིས་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་དང་ངོས་ཟིན་བྱས་པ།   གཉིས་ནས་ཡིག་སྐུར་ངོ་གཏུག་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་བྱས་པ། 

2གོམ་གང་མདུན་སྤོས་ཀྱིས་འགོ་ཁྲིད་ཀྱི་ཡིག་སྐུར་ངོ་གཏུག་སྣེ་ལེན་ལམ་ལུགས་འཐུས་ཚང་བྱས་པ།   མིག་སྔར་རྫོང་དཔོན་གཞོན་པ་རིམ་པའི་འགོ་ཁྲིད་མི་7ཡིག་སྐུར་ངོ་གཏུག་བྱ་བའི་ནང་ཞུགས་ཤིང་།   གནད་དོན་7བཏོན་པ་དང་མང་ཚོགས་མི 20སྣེ་ལེན་བྱས་ལ།   མཐུན་སྦྱོར་ལ་འབད་པ་བྱས་པས་གྱོད་དོན་7ཐག་གཅོད་བྱས།

3འགོ་ཁྲིད་ཀྱིས་གྱོད་གཞི་འགན་ལེན་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ།   ཐག་གཅོད་འོས་འཚམས་བྱས་ཤིང་།   གློ་བུར་དོན་རྐྱེན་དང་མང་ཚོགས་རང་བཞིན་གྱི་དོན་རྐྱེན་དུས་ཐོག་ཏུ་ཐག་གཅོད་བྱས་པ་རེད། 

གསུམ།   དཀའ་ཁག་དང་གནད་དོན། 

1རང་རེའི་རྫོང་གི་ཡིག་སྐུར་ངོ་གཏུག་གཞུང་ལས་ཁང་བཙུགས་པ་ནས་བཟུང་རྫོང་སྲིད་གཞུང་གཞུང་ལས་ཁང་དང་མཉམ་སྒྲུབ་བྱས་པ་ཡིན་ཞིང་།   མི་སྣ་སྒྲིག་བཀོད་མེད་པས་ཡིག་སྐུར་ངོ་གཏུག་བྱ་བའི་མི་སྣ་ནི་ཞོར་འགན་མི་སྣ་ཡིན་ལ།   རྒྱུན་དུ་བྱ་བ་བྲེལ་འཚུབ་ཀྱི་དབང་གིས་ལས་གནས་སྤོར་དགོས་པས།   ཡིག་སྐུར་ངོ་གཏུག་བྱ་བ་རྒྱུན་མཐུད་བྱེད་པར་ཤན་ཤུགས་ཐེབས་པ་རེད།   དེ་བས་འདུམ་འགྲིག་ཐག་གཅོད་མི་སྣའི་སྒྲིག་བཀོད་བྱེད་རྒྱུའི་བསམ་འཆར་བཏོན་པ་ཡིན། 

2རང་རེ་རྫོང་གི་ཡིག་སྐུར་ངོ་གཏུག་གཞུང་ལས་ཁང་ལ་གཞུང་སྒྲུབ་སྒྲིག་ཆས་མེད་པ་དང་།   འགྲིམ་འགྲུལ་ལག་ཆ་མེད་པས་ཡིག་སྐུར་ངོ་གཏུག་བྱ་བར་ཤན་ཤུགས་ཐེབས་པ་རེད།   དེ་བས་སྒྲིག་ཆས་བཀོད་སྒྲིག་བྱེད་པར་བསམ་འཆར་བཏོན་པ་ཡིན།

3མི་ལ་ལས་སྲིད་ཇུས་ཀྱི་གཏན་འཁེལ་དང་མི་མཐུན་པའམ་རེ་བ་མཐོ་དྲགས་པས།   སྣེ་ལེན་བྱས་པའི་གྱོད་གཞི་ངོ་གཏུག་གནད་དོན་སྤྱིར་བཅའ་ཁྲིམས་ཀྱི་ཐག་གཅོད་བྱེད་ཆོག་མོད།   འོན་ཀྱང་མང་ཚོགས་ཀྱིས་མིར་ངོ་གཏུག་བྱེད་པ་ལས་བཅའ་ཁྲིམས་ངོ་གཏུག་མི་བྱེད་པས།   ཡར་ངོ་གཏུག་བྱས་ཏེ་སྲིད་གཞུང་བཙལ་ནས་ཐག་གཅོད་བྱེད་དུ་འཇུག་རྒྱུར་གོམས་ཡོད་པས་ཡིག་སྐུར་ངོ་གཏུག་སྡེ་ཁག་གི་ཁུར་བོ་ཇེ་ལྕིད་ལ་བཏང་བ་རེད།


 ཡིག་སྒྱུར་བ། ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· པདྨ་རྫོང་གི་དམར་དམག་རྒྱང་སྐྱོད 2019/8/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།