ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> བརྡ་སྦྱོར།བརྡ་ཁྱབ།
༄༅།།མི་དམངས་ལམ་བཅོས་སྒྱུར་བཟོ་བསྐྲུན་སྐབས་སུ་འགྲིམ་འགྲུལ་དོ་དམ་བྱེད་པའི་འབྲེལ་ཡོད་བརྡ་སྦྱོར།
འབྱུང་ཁུངས།:པདྨ་རྫོང་མི་དམངས་སྲིད་གཞུང་། 2012/8/13 11:27:12
 

༄༅།།མི་དམངས་ལམ་བཅོས་སྒྱུར་བཟོ་བསྐྲུན་སྐབས་སུ་འགྲིམ་འགྲུལ་དོ་དམ་བྱེད་པའི་འབྲེལ་ཡོད་བརྡ་སྦྱོར།

པདྨ་རྫོང་མི་དམངས་སྲིད་གཞུང་།   2012ལོའི་ཟླ་5བའི་ཚེས 27ཉིན།

སེ་ལེ་ཐང་གྲོང་རྡལ་གྱི་མི་དམངས་ལམ་ཡོད་ཚད་བཟོ་བསྐྲུན་ལས་མགོ་བརྩམས་པ་དང་།   བཟོ་བསྐྲུན་བདེ་ལེགས་ངང་འགྲུབ་པའི་ཆེད་དུ།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམསདང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམསལྟར།   རྫོང་མཁར་གྱི་མི་དམངས་ལམ་དུམ་བུར་བགོས་ཏེ་བཀག་འགོག་བྱས་ནས་བཟོ་བསྐྲུན་དོ་དམ་བྱེད་རྒྱུ་ཡིན་པས།ད་ལྟ་འབྲེལ་ཡོད་ཀྱི་ལས་དོན་བརྡ་སྦྱོར་བྱས་པ་གཤམ་ལྟར།

གཅིག   བཀག་འགོག་གི་དུས་ཚོད་ནི 2012ལོའི་ཟླ་5བའི་ཚེས 15ནས་བཟོ་བསྐྲུན་ལས་ཀ་ཚར་རག་བར་ཡིན་ལ།   བཟོ་བསྐྲུན་རླངས་འཁོར་མ་གཏོགས་པའི་གཞན་པའི་རླངས་འཁོར་ནི་བཟོ་བསྐྲུན་ས་ཁུལ་ནས་འགྲོ་འོང་བྱེད་མི་ཆོག

གཉིས།   བཀག་འགོག་སྒོས་བཟོ་བསྐྲུན་བྱེད་སྐབས་སུ་འགྲོ་འོང་བྱེད་པའི་རླངས་འཁོར་དང་མི་ཚང་མས་ལམ་འགྲམ་གྱི་ཉེན་བརྡ་དང་སྐོར་ལམ་བརྡ་རྟགས་ལྟར་འགྲོ་བ་ལས།   ཁ་ལོ་བས་གཏན་འཁེལ་ནང་ལྟར་མ་སོང་བར་དོན་རྐྱེན་ངན་པ་བྱུང་ན་མཇུག་འབྲས་ཡོད་ཚད་རང་ཉིད་ཀྱིས་འགན་ཁུར་དགོས། 

གསུམ།   སྤྱི་བདེ་འགྲིམ་འགྲུལ་སྡེ་ཁག་དང་སྐྱེལ་འདྲེན་སྡེ་ཁག་གིས་འགྲིམ་འགྲུལ་ཕྱོགས་སྟོན་བྱ་བ་ལེགས་པོ་སྒྲུབ་དགོསཔས།   ཆེད་དུ་བརྡ་སྦྱོར་བྱས་པ་ཡིན།

 ཡིག་སྒྱུར་བ། ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།