ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> པདྨའི་གནས་ཚུལ་མདོར་བསྡུས།
༄༅།། པདྨའི་གནས་ཚུལ་མདོར་བསྡུས།
འབྱུང་ཁུངས།: 2018/4/27

     པདྨ་རྫོང་ནི་མགོ་ལོག་ཁུལ་གྱི་ཤར་ལྷོའི་མཚམས་སུ་ཆགས་ཡོད་ལ། རྫོང་མཁར་གྱི་ཤར་ལྷོའི་ཕྱོགས་སུ་རང་རེ་རྫོང་གི་ལྕགས་རི་ཐང་དང་ཡར་ཐང་། དྷི་མདའ་ཞང་བཅས་
ཕལ་ཆེར་
སྤྱི་ལེ100ལྷག་ཏུ། སི་ཁྲོན་གྱི་རྔ་བ་རྫོང་དང་འཛམ་ཐང་རྫོང་ལ་འབྲེལ་ཞིང་། རྫོང་མཁར་གྱི་ལྷོ་ཕྱོགས་ལ་ཕལ་ཆེར་སྤྱི་ལེ60མཚམས་སུ་རང་རྫོང་གི་གྲུབ་ཆེན་ཞང་ཡོད་
པ་དང་།
 དེ་སི་ཁྲོན་ཞིང་ཆེན་གྱི་གསེར་རྟ་རྫོང་དང་ཁྱིམ་མཚེས་སུ་ཆགས་ཡོད། པདྨ་རྫོང་ནི་ཞིང་ཆེན་གཉིས་ཀྱི་རྫོང་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད་པ་མ་ཟད།  རང་
རེའི་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཆགས་ཡོད་པས་པདྨ་རྫོང་ལ་མཚོ་སྔོན་གྱི་ལྷོ་སྒོ་ཆེན་མོ་ཞེས་པའི་མིང་བཏགས་ཡོད།
     ནམ་ཟླའི་ཆ་རྐྱེན་བལྟོས་བཅོས་ཀྱིས་ཅུང་བཟང་ཞིང་། མགོ་ལོག་གི་ས་ཁུལ་གཞན་དང་བསྡུར་ན་པདྨའི་ཆ་སྙོམས་ས་ངོས་ཀྱི་མཐོ་ཚད་རྨིད4093ཡིན་ལ། ཁུལ་ནང་ཁུལ་
གྱི་རྫོང་གཞན་ལས་དམའ་བ་ཡིན།
 ས་བབ་ཅུང་དམའ་བའི་ཁར་རྫོང་ཁོངས་སུ་ཞིང་ཆེན་ཡོངས་ཀྱི་ཆེས་ཆེ་བའི་གདོད་མའི་ནགས་ཚལ་ཡོད་པ་དང་།  བ་ཡན་ཧ་རིའི་རི་རྒྱུད་
ཤར་ནུབ་ཀྱི་རི་ཚོགས་ཀྱིས་སྐོར་བའི་གཞུང་སའི་ས་གཤིས་ཀྱི་དབང་གིས་རྫོང་ནང་ཁུལ་དུ་ཁེར་རྐྱང་གི་ཁ་དབུགས་ཆུང་བ་ཞིག་གྲུབ་ཡོད།  
རྫོང་ཡོངས་ཀྱི་ལོ་ཧྲིལ་བོའི་ཆ་སྙོམ་
དྲོད་ཚད་ཏུའུ
2.4ཡིན་ལ། མཁའ་དབུགས་ཀྱི་ཆ་རྐྱེན་ནི་ཁུལ་ནང་ཁུལ་གྱི་རྫོང་གཞན་པ་ལས་ཅུང་བཟང་། དེ་དང་མཉམ་དུ་རྫོང་ཁོངས་ཀྱི་ཆར་ཆུ་འབབ་ཚད་ཧོ་རྨིད638
ཡིན་ཞིང་། ལོ་གཅིག་གི་རླངས་འགྱུར་གྱི་ཚད་ནི་ཧོ་རྨིད1281ཡིན། ལོ་གཅིག་གི་ཆར་ཆུ་འབབ་ཚད་ནི་གཅིག་སྒྲིལ་རྫོང་ལས་ཉུང་བ་དང་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པ་ཡིན།  དབྱར་ཁ་དང་སྟོན་ཁའི་པདྨ་ནི་རི་བོར་ལྗང་མདོག་ལྡན་ཞིང་། ཆུ་བོ་དྭངས་ཤིང་གཙང་ལ། ཁ་དབུགས་ལ་བརླན་བཤེར་ལྡན་པས་མཛེས་ལྗོངས་ཀྱིས་མིའི་ཡིད་དབང་འགུག་པར་
བྱེད།
དེ་བས་པདྨ་རྫོང་ལ་མགོ་ལོག་གི་ལྷོ་ཕྱོགས་ཆུང་བ་ཞེས་པའི་མཚན་སྙན་གནང་ཡོད།
    
རྫོང་གི་རྒྱལ་དབང་ས་ཁུངས་ཅུང་ཆུང་བ་དང་མི་གྲངས་ཉུང་སྟེ། པདྨ་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6343ཡོད་པ་དང་ཁུལ་ཡོངས་ཀྱི་ས་ཁྱོན་གྱི9.5 6%ཟིན་
ཡོད།
 ཁུལ་ནང་ཁུལ་གྱི་རྫོང་དྲུག་གི་ནང་དུ་ས་ཁྱོན་ཆེས་ཆུང་བ་ཡིན། ད་ལྟ་ཞང་བརྒྱད་དང་གྲོང་རྡལ་གཅིག་ཡོད་པ་དང་སྲིད་འཛིན་སྡེ་བ་སོ་གཉིས(འབྲོག་ཨུ་ཁང) མཉམ་
ལས་ཧྲེ་བརྒྱ་དང་བཅུ་གསུམ་ཡོད།
རྫོང་ཡོངས་ཀྱི་མི་གྲངས25891(མོ12942)ཡོད་པ་དང་། བོད་རིགས་མི24620(མོ12219)ཡོད། དེའི་ཁྲོད་ཕྱུགས་ལས་ཁྱིམ་ཚང5460
ཡོད་པ་དེར་མི21400ཡོད།
    
པདྨ་ནི་མགོ་ལོག་ཁག་གསུམ་གྱི་ཕ་ས་དང་། མགོ་ལོག་མི་དམངས་ཀྱི་ཕ་ཡུལ་ཡིན་པས། པདྨ་རྫོང་ནི་མགོ་ལོག་ནས་བོད་བརྒྱུད་ནང་བསྟན་དགོན་པ་ཆེས་མང་བའི་རྫོང་
ཞིག་ཡིན་པ་དང་། དགོན་པ་མང་ཆེ་བའི་བཟོ་བསྐྲུན་གྱི་ལོ་རྒྱུས་རིང་ཞིང་ཐུན་མོང་མིན་པའི་ཁྱད་ཆོས་མངོན་ཡོད་ལ།
  བོད་བརྒྱུད་ནང་བསྟན་རིག་གནས་ཀྱིས་ཁུལ་ཡོངས་ལ་
ཤན་ཤུགས་ངེས་ཅན་ཐེབས་ཡོད།
  རྫོང་ཡོངས་སུ་བོད་བརྒྱུད་ནང་བསྟན་དགོན་པ་ཉེར་གསུམ་ཡོད་པ་དང་།  དེ་དག་ནི་རྙིང་མ་བ་དང་ཀ་ཐོག་པ།  ཇོ་ནང་བ་བཅས་གྲུབ་
མཐའ་གསུམ་དུ་འདུས

    
པདྨ་ནི་དམར་དམག་རྒྱང་བསྐྱོད་བྱས་མྱོང་བའི་ས་གནས་ཤིག་ཡིན་ཞིང་། ཡར་ཐང་ཞང་གི་མཛི་འདབས་ལུང་བའི་བྲག་རྡོ་ངོས་སུ་སྐབས་དེར་དམར་དམག་གིས་བྲིས་
བའི་ཡི་གེ་སྟེ།
བྱང་སྟོད་ནས་རྒྱལ་ཡོངས་རི་འགོག་ཅཱང་རྒོལ་འཐབ་རྩོད་སློང་དགོས་ཞེས་པའི་ཡིག་འབྲི་ཆེན་པོ་བཅུ་གཉིས་ད་ལྟའི་བར་དུ་གསལ་བོར་མིག་ལམ་དུ་མངོན་ཐུབ།  དེ་བས་མཛི་འདབས་ལུང་བར་དམར་དམག་ལུང་བ་ཞེས་མིང་བཏགས་པ་རེད།  མིག་སྔར་དམར་དམག་ལུང་བ་ནི་རང་རེའི་རྫོང་གི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་
གཞི་དང་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
     
2005ལོར་པདྨ་རྫོང་གིས་གསར་བརྗེ་ཡུལ་སྐོར་འགྲེམ་སྟོན་ཁང་འཛུགས་བསྐྲུན་བྱས་པ་དང་། རང་རེའི་ཞིང་ཆེན་གྱི་གསར་བརྗེ་ཡུལ་སྐོར་འགྲེམ་སྟོན་ཁང་གཉིས་པ་
ཡིན།
 རང་རེའི་རྫོང་གིས་དམར་དམག་ལུང་བའི་མཛེས་ལྗོངས་ཀྱི་རྨང་གཞིའི་སྟེང་དུ་དམར་དམག་ཆུ་མིག་དང་། དམར་དམག་ལམ། དམར་དམག་དུར་ས་སོགས་ཡུལ་ལྗོངས་
གསར་དུ་བརྣན་ནས་ཡུལ་སྐོར་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྨང་གཞི་བཏང་བ་རེད།
རྫོང་ནང་ཁུལ་དུ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ལ།གཙོ་བོ་རིགས་ལྔ་
ཡོད་དེ།
གཅིག་ནི་ཆུའི་ཐོན་ཁུངས་ཡིན་ལ། སྨར་ཁོག་ཆུ་བོ་དང་རྡོ་ཁོག་ཆུ་བོ་ཆེན་པོ་གཉིས་ཏེ།  ལྕམ་སྲིང་ཆུ་བོ་གཉིས་པོའི་ཡུལ་ལྗོངས་མཛེས་ཤིང་།  འབྲི་ཆུའི་སྟོད་རྒྱུད་ཀྱི་
ཏུའུ་ཅང་གཙང་བོའི་སྟོད་རྒྱུད་ཀྱི་ཐད་རྒྱུགས་ཆུ་བོ་ཡིན་ལ།
ཆུ་ནུས་གཞུང་ལུགས་དྲོད་འབྱིན་ཚད་ནི་སྟོང་ཝ29.8 34ཡིན་པ་དང་། ཆུའི་ཐོན་ཁུངས་སྟོང་ཝ17.4 89གསར་

སྤེལ་བྱས་ཆོགགཉིས་ནི་ཞིང་ཕྱུགས་ནགས་གསུམ་གྱི་ཐོན་ཁུངས་ཡོད་དེ། པདྨ་ནི་ཁུལ་ཡོངས་ཀྱི་ཁྲོད་ཞིང་ཕྱུགས་ནགས་གསུམ་གྱི་ཐོན་ཁུངས་འཛོམས་པའི་རྫོང་གཅིག་པུ་ཡིན་
ལ།
ཞིང་ཆེན་ཡོངས་ནས་ཆེས་ཆེ་བའི་གདོད་མའི་ནགས་ཚལ་པདྨ་ན་ཡོད་པས། རྫོང་གི་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི372ཡོད་པ་དང་། ཁྱད་འཕགས་ཀྱི་ཤིང་རིགས་ལ་ཡུན་ཧྲན་

གསོམ་ཤིང་དང་སྟག་པ་དཀར་པོ།  ལོ་སྐྱུར་ཐང་ཤིང་སོགས་ཡོད་ལ།  ཁུལ་ཡོངས་སུ་རྨ་ཆེན་རྫོང་ཕུད་རྗེས་པདྨ་རྫོང་ན་མ་གཏོགས་ཞིང་ལས་ས་ཁུལ་མེད་པ་དང་།  ད་ལྟ་རྨོ་
ཞིང་མུའུ་ཁྲི
1.1ཡོད་ལ།གཙོ་བོ་ནས་དང་གྲོ་སོགས་འདེབས་བཞིན་ཡོད། རྫོང་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི 817.8ཡོད་པ་དང་།  བཀོལ་སྤྱོད་བྱེད་ཆོག་པའི་རྩྭ་ས་མུའུ་ཁྲི
650.4 9ཡོད། ཕྱུགས་རིགས་ནི་ནོར་ནག་གཙོ་བོ་ཡིན་ཞིང་། 2006ལོརཕྱུགས་རིགས་སྣ་ཚོགས290223ཡོད། གསུམ་ནི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཡིན། རྫོང་ནང་ཁུལ་
དུ་རི་སྐྱེས་སྲོག་ཆགས་རིགས་ཤིན་ཏུ་མང་སྟེ།
 གོང་མོ་དང་་མོ། སྤྱང་ཀི གཟིག དོམ། ཤྭ་བ་སོགས་ཡོད་པ་དང་། རྒྱལ་ཁབ་ཀྱི་རྩ་ཆེན་ཉྭ་རིགས་ཏེ་ཁྲོན་ཧྲན་ཀྲིག་ལོ་ཀོས་རང་
རེའི་རྫོང་གི་སྨར་ཁོག་འབབ་ཡུལ་དུ་ཡོད་ལ།
 ཁྲོན་ཧྲན་ཀྲིག་ལོ་ཀོས་སྲུང་སྐྱོབ་ལྟེ་གནས་འཛུགས་བསྐྲུན་བྱས་ཡོད། བཞི་ནི་རྩ་སྨན་དང་བོད་སྨན་གྱི་ཐོན་ཁུངས་ཡིན། གཙོ་བོ་
ལྕུམ་རྩྭ་དང་སྲད་དཀར།
 སྙི་བ། ཀྱི་ལྕེ། སྤྲུ་ནག དབྱར་རྩྭ་དགུན་འབུ་སོགས་ཕལ་ཆེར་རིགས400ལྷག་ཡོད། དེའི་ཁྲོད་ལྕུམ་རྩྭའི་ཐོན་ཚད་ཏུན3000ཡིན་པས་ཁུལ་ཡོངས་ཀྱི་
ཨང་དང་པོ་ཡིན།
    
བཅོས་སྒྱུར་སྒོ་འབྱེད་བྱས་པ་དང་ལྷག་པར་དུ2000ལོར་རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱས་པ་ནས་བཟུང་།  ང་ཚོས་རྫོང་གིས་གནས་ཚུལ་དངོས་དང་
བསྟུན་ནས་འཕེལ་རྒྱས་གཙོ་བོར་འཛིན་པ་དང་།
  ཚན་རིག་འཕེལ་རྒྱས་ཀྱི་ལྟ་བ་སྲ་བརྟན་བྱས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་
གཅིག་གྱུར་བཀོད་སྒྲིག་དང་རེ་བ་ལྟར།
  སྔ་རྗེས་སུ་ཞིང་ཕྱུགས་བདེ་འཇགས་རྫོང་དང་སྐྱེ་ཁམས་བདེ་འཇགས་རྫོང་། རྣམ་གྲངས་འཛུགས་བསྐྲུན་གྱི་རྫོང་། ཐོན་ཁུངས་ཕྱུག་
པའི་རྫོང་།
 ཚན་རིག་སློབ་གསོས་རྫོང་སྤེལ་བ། ཁྲིམས་ལྟར་རྫོང་སྐྱོང་བའི་འཐབ་ཕྱོགས་དྲུག་ལག་བསྟར་བྱས་ཏེ། རྫོང་ཁུངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བྱེད་པ་དང་། རྫོང་

ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལས་དོན་སྣ་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས།  སྡོམ་རྩིས་བྱས་པ་ལྟར་ན2000ལོ་ནས་བཟུང་རང་རེའི་རྫོང་
གི་རྒྱལ་དམངས་ཐོན་ཚད་ལོ་རེར་ཆ་སྙོམས་བྱས་ན
6%འཕར་སྣོན་བྱུང་བ་དང་། ཞིང་ཕྱུགས་ལས་སྤྱིའི་ཐོན་ཚད་ལོ་རེར་ཆ་སྙོམས་བྱས་ན3%འཕར་སྣོན་བྱུང་ལ། ཞིང་འབྲོག་

དམངས་ཀྱི་ཆ་སྙོམས་མི་རེའི་ཡོང་སྒོ་ལོ་རེར6.3 %འཕར་བ་རེད། སྤྱི་ཚོགས་མཛད་སྤྱོད་ཕྱིར་འཚོང་ཆ་སྙོམས་ལོ་རེར3.5 %འཕར་བ་དང་། གཏན་འཇགས་མ་དངུལ་སྡོམ་
རྩིས་བྱས་ན་སྒོར་ཁྲི
18992བཏང་བ་རེད། སློབ་གསོ་དང་འཕྲོད་བསྟེན། འཆར་ལྡན་བུ་སྐྱེས། རིག་གནས། རྒྱང་བསྒྲགས། བརྙན་འཕྲིན། འཕྲིན་སྐྱེལ། གསར་འགྱུར་སོགས་སྤྱི་
ཚོགས་ལས་རིགས་སོ་སོ་ལ་འཕེལ་རྒྱས་ཆེན་པོ་བྱུང་།
  མིག་སྔར་རང་རེ་རྫོང་ལ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི25ཡོད་པ་དང་།  འཕྲོད་བསྟེན་ལག་རྩལ་མི་སྣ176ཡོད། 

རིམ་པ་སོ་སོའི་སློབ་གྲྭ15ཡོད་པ་དང་སློབ་མ2514ལ་སླེབས་ཤིང་། སློབ་ལོ་རན་པའི་བྱིས་པའི་སློབ་ཞུགས་ཚད་ནི93.5 %ཡིན། 
    
སེ་ལེ་ཐང་གྲོང་རྡལ་དཀྱིལ་སྙིང་ཡིན་པའི་རྫོང་ཡོངས་ཀྱི་འགྲིམ་འགྲུལ་དྲ་རྒྱ་ཕལ་ཆེར་འགྲུབ་ལ། རླངས་འཁོར་བགྲོད་པའི་གཞུང་ལམ་སྤྱི་ལེ750མངོན་འགྱུར་བྱས། ལོ་

དུ་མའི་རིང་ལ་འབད་པ་བྱས་པར་བརྟེན། པདྨ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་ལས་དོན་སོ་སོས་གྲུབ་འབྲས་ངེས་ཅན་བླངས་ལ། གྲུབ་འབྲས་འདི་དག་གིས་རྫོང་ཡོངས་ཀྱི་རྗེས་
ཕྱོགས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས།
བདེ་འཇགས་ལ་ཉམས་མྱོང་རིམ་བསགས་བྱས་པ་དང་། རྨང་གཞི་དང་ཆ་རྐྱེན་བསྐྲུན་པ་རེད། རྗེས་ཕྱོགས་བྱ་བའི་ཁྲོད་དུ་རྫོང་ཨུ་དང་
རྫོང་སྲིད་གཞུང་གིས་གོམ་གང་མདུན་སྤོས་སྒོས་རྫོང་གི་གནས་ཚུལ་བརྟན་པོ་བྱེད་པ་དང་།
  རྫོང་ཨུ་ཡིས་བཏོན་པའི་འོས་འགན་གཅིག(དབུལ་སེལ་ཕྱུག་སྒྱུར་དང་། དམངས་
ཕྱུག་སྟོབས་ལྡན་རྫོང
)ལ་དམིགས་ནས། བྱ་བ་གཙོ་བོ་དྲུག(ཞིང་ཕྱུགས་བདེ་འཇགས་རྫོང་དང་སྐྱེ་ཁམས་བདེ་འཇགས་རྫོང་། རྣམ་གྲངས་འཛུགས་བསྐྲུན་གྱི་རྫོང་། ཐོན་ཁུངས་
ཕྱུག་པའི་རྫོང་།
 ཚན་རིག་སློབ་གསོས་རྫོང་སྤེལ་བ། ཁྲིམས་ལྟར་རྫོང་སྐྱོང་བ)ལག་བསྟར་བྱེད་པ་དང་། གཙོ་བོ་འཕར་བརྒལ་ཡོང་བ་གཉིས(གྲོང་རྡལ་ཅན་དུ་འཛུགས་བསྐྲུན་
བྱེད་པར་འཕར་བརྒལ་ཡོད་པ།
ཐོན་ལས་གསུམ་པ་འཕེལ་རྒྱས་བྱེད་པར་འཕར་བརྒལ་ཡོད་པ།)དམ་འཛིན་བྱས་ནས། དམིགས་འབེན་གཅིག(རིམ་གྱིས་འབྱོར་འབྲིང་འཆམ་
མཐུན་པདྨ་མངོན་འགྱུར
)གྱི་སྤྱིའི་དམིགས་ཚད་འགྲུབ་དགོས། གོ་སྐབས་རྩོད་ལེན་བྱས་ནས་རྣམ་གྲངས་ཀྱིས་རྨང་གཞི་འདིང་བ་དམ་འཛིན་བྱེད་པ་དང་། སྒྲིག་གཞི་ལེགས་
སྒྲིག་བྱས་ནས་སྐྱེ་ཁམས་དམ་འཛིན་བྱེད་པ།
  སྤྱི་ཚོགས་རིང་ལུགས་ཀྱི་འབྲོག་ཁུལ་གསར་བ་དང་བདེ་འཇགས་པདྨ།  འཆམ་མཐུན་པདྨ་འཛུགས་བསྐྲུན་བྱེད་རྒྱུ་དམ་འཛིན་
ལེགས་པོ་བྱས་ཏེ།
རྫོང་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱེད་པ་དང་སྤྱི་ཚོགས་ལས་དོན་སོ་སོ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་དགོས།།
                     
                                                                                                   
ཡིག་སྒྱུར་བ། ཆོས་ལོ།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འ 2019/8/23

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།