ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> ས་གནས་རིག་གནས་དང་ལོ་རྒྱུས།
༄༅།། པདྨའི་དགོན་སྡེ་སྤྱིའི་གནས་ཚུལ་མདོར་བསྡུས།
འབྱུང་ཁུངས།: 2012/8/5 12:17:19

     པདྨ་རྫོང་ནི་མགོ་ལོག་ཁུལ་གྱི་ཤར་ལྷོའི་མཚམས་སུ་ཆགས་ཡོད་ལ། རྫོང་མཁར་གྱི་ཤར་ལྷོའི་ཕྱོགས་སུ་རང་རེ་རྫོང་གི་ལྕགས་རི་ཐང་དང་ཡར་ཐང་། དྷི་མདའ་ཞང་
བཅས་ཕལ་ཆེར་སྤྱི་ལེ
100ལྷག་ཏུ།  སི་ཁྲོན་གྱི་རྔ་བ་རྫོང་དང་འཛམ་ཐང་རྫོང་ལ་འབྲེལ་ཞིང་། རྫོང་མཁར་གྱི་ལྷོ་ཕྱོགས་ལ་ཕལ་ཆེར་སྤྱི་ལེ60མཚམས་སུ་རང་རྫོང་གི་གྲུབ་
ཆེན་ཞང་ཡོད་པ་དང་། 
དེ་སི་ཁྲོན་ཞིང་ཆེན་གྱི་གསེར་རྟ་རྫོང་དང་ཁྱིམ་མཚེས་སུ་ཆགས་ཡོད།  པདྨ་རྫོང་ནི་ཞིང་ཆེན་གཉིས་ཀྱི་རྫོང་གསུམ་གྱི་འབྲེལ་མཚམས་སུ་ཆགས་
ཡོད་པ་མ་ཟད།
 རང་རེའི་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཆགས་ཡོད་པས་པདྨ་རྫོང་ལ་མཚོ་སྔོན་གྱི་ལྷོ་སྒོ་ཆེན་མོ་ཞེས་པའི་མིང་བཏགས་ཡོད།
    
ནམ་ཟླའི་ཆ་རྐྱེན་བལྟོས་བཅོས་ཀྱིས་ཅུང་བཟང་ཞིང་། མགོ་ལོག་གི་ས་ཁུལ་གཞན་དང་བསྡུར་ན་པདྨའི་ཆ་སྙོམས་ས་ངོས་ཀྱི་མཐོ་ཚད་རྨིད4093ཡིན་ལ། ཁུལ་ནང་
ཁུལ་གྱི་རྫོང་གཞན་ལས་དམའ་བ་ཡིན།
ས་བབ་ཅུང་དམའ་བའི་ཁར་རྫོང་ཁོངས་སུ་ཞིང་ཆེན་ཡོངས་ཀྱི་ཆེས་ཆེ་བའི་གདོད་མའི་ནགས་ཚལ་ཡོད་པ་དང་། བ་ཡན་ཧ་རིའི་རི་
རྒྱུད་ཤར་ནུབ་ཀྱི་རི་ཚོགས་ཀྱིས་སྐོར་བའི་གཞུང་སའི་ས་གཤིས་ཀྱི་དབང་གིས་རྫོང་ནང་ཁུལ་དུ་ཁེར་རྐྱང་གི་ཁ་དབུགས་ཆུང་བ་ཞིག་གྲུབ་ཡོད།
 རྫོང་ཡོངས་ཀྱི་ལོ་ཧྲིལ་བོའི་
ཆ་སྙོམ་དྲོད་ཚད་ཏུའུ
2.4ཡིན་ལ། མཁའ་དབུགས་ཀྱི་ཆ་རྐྱེན་ནི་ཁུལ་ནང་ཁུལ་གྱི་རྫོང་གཞན་པ་ལས་ཅུང་བཟང་། དེ་དང་མཉམ་དུ་རྫོང་ཁོངས་ཀྱི་ཆར་ཆུ་འབབ་ཚད་
ཧོ་རྨིད
638ཡིན་ཞིང་། ལོ་གཅིག་གི་རླངས་འགྱུར་གྱི་ཚད་ནི་ཧོ་རྨིད1281ཡིན། ལོ་གཅིག་གི་ཆར་ཆུ་འབབ་ཚད་ནི་གཅིག་སྒྲིལ་རྫོང་ལས་ཉུང་བ་དང་ཞིང་ཆེན་ཡོངས་ཀྱི་
ཨང་གཉིས་པ་ཡིན།
 དབྱར་ཁ་དང་སྟོན་ཁའི་པདྨ་ནི་རི་བོར་ལྗང་མདོག་ལྡན་ཞིང་། ཆུ་བོ་དྭངས་ཤིང་གཙང་ལ། ཁ་དབུགས་ལ་བརླན་བཤེར་ལྡན་པས་མཛེས་ལྗོངས་ཀྱིས་
མིའི་ཡིད་དབང་འགུག་པར་བྱེད།
 དེ་བས་པདྨ་རྫོང་ལ་མགོ་ལོག་གི་ལྷོ་ཕྱོགས་ཆུང་བ་ཞེས་པའི་མཚན་སྙན་གནང་ཡོད།
    
རྫོང་གི་རྒྱལ་དབང་ས་ཁུངས་ཅུང་ཆུང་བ་དང་མི་གྲངས་ཉུང་སྟེ། པདྨ་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6343ཡོད་པ་དང་ཁུལ་ཡོངས་ཀྱི་ས་ཁྱོན་གྱི9.5 6%
ཟིན་ཡོད།  ཁུལ་ནང་ཁུལ་གྱི་རྫོང་དྲུག་གི་ནང་དུ་ས་ཁྱོན་ཆེས་ཆུང་བ་ཡིན།  ད་ལྟ་ཞང8དང་གྲོང་རྡལ1ཡོད་པ་དང་སྲིད་འཛིན་སྡེ་བ32(འབྲོག་ཨུ་ཁང) མཉམ་ལས་ཧྲེ
113ཡོད།   རྫོང་ཡོངས་ཀྱི་མི་གྲངས25891(མོ12942)ཡོད་པ་དང་།  བོད་རིགས་མི24620(མོ12219)ཡོད།  དེའི་ཁྲོད་ཕྱུགས་ལས་ཁྱིམ་ཚང5460ཡོད་པ་དེར་
མི
21400ཡོད།
    
པདྨ་ནི་མགོ་ལོག་ཁག་གསུམ་གྱི་ཕ་ས་དང་། མགོ་ལོག་མི་དམངས་ཀྱི་ཕ་ཡུལ་ཡིན་པས། པདྨ་རྫོང་ནི་མགོ་ལོག་ནས་བོད་བརྒྱུད་ནང་བསྟན་དགོན་པ་ཆེས་མང་བའི་
རྫོང་ཞིག་ཡིན་པ་དང་།
 རྫོང་ཡོངས་སུ་དགོན་པ་ཆེ་ཆུང་ཉེར་གསུམ་ཡོད་ལ།  དེ་དག་ནི་ཨ་སྐྱོང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་། དབང་མདའ་
དགོན་བཤད་སྒྲུབ་བཀྲ་ཤིས་གཡང་འཁྱིལ་གླིང་།
  སྨར་མདོ་བཀྲ་ཤིས་དགའ་འཁྱིལ་ཐུབ་བསྟན་བཤད་སྒྲུབ་གླིང་།  སྨར་མདོ་བྲག་དཀར་དགོན་ངེས་དོན་བཤད་སྒྲུབ་དར་
རྒྱས་གླིང་།
  འབྲོས་སྒང་འབེ་ཚ་དགོན་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་གླིང་།  མཁར་ནང་དགོན་ཐུབ་བསྟན་བཤད་སྒྲུབ་ནོར་བུའི་གླིང་། སྟག་ཐོག་དགོན་ཐུབ་བསྟན་
ཕྱོགས་ལས་རྣམ་རྒྱལ་གླིང་།
 པཎ་ཆེན་དགོན་གསང་ཆེན་རྣམ་གྲོལ་ཐེག་མཆོག་ཨ་ཏི་བསམ་གཏན་དར་རྒྱས་གླིང་། དཔལ་ཡུལ་ངྷི་མདའ་དགོན་ཐུབ་བསྟན་བྱམས་པ་ཆོས་
འཁོར་གླིང་།
ཐུབ་བསྟན་བཀྲ་ཤིས་སྒོ་མང་གསང་སྔགས་ཆོས་ཀྱི་དགའ་ཚལ་དགོན།  དབུ་ཙ་དགོན་བསམ་གཏན་ཆོས་འཁོར་གླིང་། ཁའི་དམར་དགོན། བྲག་ཤར་དགོན།
རྒྱལ་བ་དཔལ་ཡུལ་དགེ་རྩེ་དར་རྒྱས་དགོན་ཐུབ་བསྟན་ནོར་བུའི་གླིང་། རྩེས་མདའ་དགོན་བཀྲ་ཤིས་དགའ་འཁྱིལ་ཐུབ་བསྟན་ཤེས་རབ་འཕེལ་རྒྱས་གླིང་། པད་ཡག་དགོན་
མི་འགྱུར་བདེ་ཆེན་གླིང་།
 འབྲ་ལོ་དགོན་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་གླིང་། གེ་ལུ་ཆུང་དགོན་པ། གླིང་འབུད་དགོན་མདོ་སྔགས་བཤད་སྒྲུབ་གླིང་། ར་ཡ་དགོན་པ་
སོགས་གསང་སྔགས་སྔ་འགྱུར་བའི་དགོན་སྡེ་ཉེར་གཅིག་དང་། ཇོ་ནང་བའི་དགོན་སྡེ་གཅིག་བཀའ་བརྒྱུད་པའི་དགོན་སྡེ་གཅིག་བཅས་ཡོད་ལ།
 དགོན་པ་མང་ཆེ་བའི་བཟོ་
བསྐྲུན་གྱི་ལོ་རྒྱུས་རིང་ཞིང་ཐུན་མོང་མིན་པའི་ཁྱད་ཆོས་མངོན་ཡོད་ལ།  བོད་བརྒྱུད་ནང་བསྟན་རིག་གནས་ཀྱིས་ཁུལ་ཡོངས་ལ་ཤན་ཤུགས་ངེས་ཅན་ཐེབས་ཡོད།  རྫོང་
ཡོངས་སུ་བོད་བརྒྱུད་ནང་བསྟན་དགོན་པ
23ཡོད་པ་དང་།  དེ་དག་ནི་རྙིང་མ་བ་དང་ཀ་ཐོག་པ།  ཇོ་ནང་བ་བཅས་གྲུབ་མཐའ་གསུམ་དུ་འདུས་ཤིང་གྲྭ་བ1854ཡོད།  
                      
                                                                                                        
                                                                                                  
ཡིག་སྒྱུར་བ། ཆོས་ལོ།



 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· ཁུལ་ཨུའི་ཧྲུའུ་ཅི་བུ་ཡུས་ཀྲང་ 2019/11/13

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།